文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལགས་དྲན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2018-01-09 16:00:36   འབྱུང་ཁུངས།༇

ཁ་ཉིན་ནི་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་ཆ་༢༩འཁོར་བའི་རྗེས་དྲན་དུས་མཆོད་ཡིན་པ་རེད།

1986་ལོའི་ཟླ་10་པའི་ཚེས་9་ནས་17་བར་ལ།སྐབས་དེར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་འགན་ཁུར་བ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བདེ་ཆེན་ཁུལ་དུ་གཟིགས་ཞིབ་གནང་བ་རེད།

ལོ་31་གི་གོང་ནས་རིན་པོ་ཆེན་མཆོག་གིས་བདེ་ཆེན་ཁུལ་དུ་གཟིགས་ཞིབ་གནང་བས་བདེ་ཆེན་ཀྱི་ཆབ་སྲིད་དང་།དཔལ་འབྱོར།སྤྱི་ཚོགས།རིག་གནས་སོགས་ཀྱི་གོང་འཕེལ་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད་པ་རེད།སྐབས་དེའི་གནས་ཚུལ་དེ་ངའི་ཀླད་པའི་ནང་གསལ་པོར་དྲན་གསོ་སྣང་དེ།ང་ཚོའི་སློབ་གྲྭས་ང་ཚོར་རྩ་འཛུགས་བྱས་ནས་རྒྱལ་ཐང་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་གྱི་བྲག་སྣེ་ལམ་ཁར་གྲལ་བསྒྲིགས་ནས་ལག་ནང་ཁ་བཏགས་དང་།མེ་ཏོགཚོན་དར་འཁྱེར་དེ་གཟབ་རྒྱས་ཀྱི་སྒོ་ནས་དགའ་བསུ་ཞུས་བ་དང་།གཟིགས་ཞིབ་གནང་བའི་རིང་།རིན་པོ་ཆེན་མཆོག་གིས་བདེ་ཆེན་ཁུལ་ལུས་རྩལ་ཨུ་ཡོན་གྱི་ལུས་རྩལ་ར་བའི་ནང་དུ་དད་ལྡན་མང་ཚོགས་ལ་བྱིན་རླབས་གནང་བས།ག་ས་གར་མིས་ཁེངས་པ།བདེ་སྐྱིད་ཀྱིས་ཁེངས་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་དེ་རོལ་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།