文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཀོ་རྩལ་ཞབས་བྲོ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2017-12-19 16:51:03   འབྱུང་ཁུངས།༇人民网

      ཞི་བདེའི་ཀོ་རྩལ་ཞབས་བྲོ་ཡི་རྒྱུན་འཛིན་པ་རྟ་མགྲིན་ཡེ་ཤེས་ཀྱིས་གསར་འགོད་པར།སྔོན་ཆད།ཁོ་རང་གིས་ཞི་བདེ་གྲོང་ཚོའི་བགྲེས་སོང་གཉིས་ནས་གནའ་བོའི་ཞབས་བྲོ་འདི་ཉིད་སློབ་སྦྱོང་བྱས་མྱོང་ཡོད་།ད་ལྟ།གྲོང་ཚོ་རུ་མི་30ལྷག་གིས་ཞབས་བྲོ་འདི་ཉིད་འཁྲབ་ཤེས་ཀྱི་ཡོད་ཅེས་བརྗོད་པ་རེད།

      ཉེ་སྔོན།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀོ་རྩལ་ཞབས་བྲོ་བོད་ལྗོངས་མངའ་རིས་ས་ཁུལ་དུ་འཁྲབ་སྟོན་བྱས་པ་རེད།

  

      ཀོ་རྩལ་ཞབས་བྲོ་ལ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ལ།གནའ་བོའི་དུས་སུ།དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དྲན་གསོ་བྱ་ཆེད།མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་མི་ཡིས་དམངས་ཁྲོད་ཀྱི་མཉམ་སྡེབ་ཞབས་བྲོ་འདི་ཉིད་གསར་རྩོམ་བྱས་པ་རེད།ཀོ་རྩལ་ཞབས་བྲོའི་འཁྲབ་སྟོན་ནི་ངག་ནས་ལེན་པ་གཙོ་བོ་དང་རྔ་རྡུང་བ་ནི་རམ་འདེགས་ཀྱི་ཚུལ་དུ།འཁྲབ་སྟོན་པར་ད་དུང་སྟངས་སྟབས་སླ་མོ་རེ་འཁྲབ་རྒྱུ་ཡོད་པའམ་ཡང་ན་རང་ས་ནས་འཁོར་བའམ་གོ་རིམ་སྒྲིག་སྟངས་བརྗེས་དགོས་པ་རེད།

    

      རྟ་མགྲིན་ཡེ་ཤེས་ཀྱིས་ད་ལྟ་ཁོང་ལ་སློབ་མ་བཅུ་བདུན་ཡོད་ལ།སོ་ནམ་གྱི་ལས་ལ་བྲེལ་བ་མེད་དུས་ཁོང་ཚོས་མཉམ་དུ་ཀོ་རྩལ་ཞབས་བྲོ་སྦྱོང་བཞིན་ཡོད།ཁོ་རང་ཆུང་དུས་ནས་བཟུང་གནའ་བོའི་ཞབས་བྲོ་འདི་ཉིད་ལ་དགའ་པོ་ཡོད་པ་མ་ཟད།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་སྒྱུ་རྩལ་འདི་ཉིད་རྒྱུན་འཛིན་བྱེད་འདོད་ཡོད་ཅེས་མཚམས་སྦྱོར་བྱས་པ་རེད།

      

      མིག་སྔར།ཞབས་བྲོ་རུ་ཁག་ཏུ་ལོ་ཆེས་རྒན་པའི་འཁྲབ་སྟོན་པ་ནི་ལོ་60ཉེ་བ་ཙམ་ཡོད་ལ།ལོ་ཆེས་ཆུང་བ་ནི་ལོ་22ཙམ་ཡོད་པ་རེད།ལོ་58ལ་སོན་པའི་རྟ་མགྲིན་ཡེ་ཤེས་ཀྱིས་སྔར་ལས་མང་པོའི་ལོ་གཞོན་ཚོ་རུ་ཁག་འདི་ལ་ཞུགས་རྒྱུ་དང་།མཉམ་དུ་ལོ་རྒྱུས་ལ་རྒྱུས་ལོན་དང་རིག་གནས་རྒྱུན་འཛིན་བྱེད་པའི་རེ་བ་ཡོད་ཚུལ་བརྗོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།