文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་གོས་བཟོ་མཁན་ཐོགས་མེད།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2017-12-19 16:30:00   འབྱུང་ཁུངས།༇香格里拉藏文网

      ད་ལོར་དགུང་ལོ50ལ་ཟིན་པའི་ཐོགས་མེད་ནི་བདེ་ཆེན་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཤིག་ཡིན་པ་དང་།ཁོ་མོས་ལོ16ནས་བོད་རིགས་ཀྱི་རྒྱན་གོས་ཇུས་འགོད་ལག་རྩལ་སློབ་སྦྱོང་བྱེད་འགོ་བརྩམས་ཤིང་།ལོ་མང་རིང་ལ་འབད་བརྩོན་བྱས་པ་བརྒྱུད།ཀོང་རྩེད་རའི་སྐོར་བྲོའི་རྒྱན་གོས་ཚེམ་བཟོ་བྱེད་པར་བརྟེན་ནས་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་བ་རེད།

  

  

     2013ལོར་ཐོགས་མེད་ཀྱིས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གོས་རྒྱན་ཀུང་སི་ཞིག་བཙུགས་ནས་རང་གི་ལག་རྩལ་རང་གི་བུ་མོ་དང་ལས་བཟོ་བ་ཚོར་བསླབས་པ་རེད།

     མིག་སྔར།ཀུང་སི་འདི་ཡིས་བཟོས་པའི་བོད་ཀྱི་གོས་རྒྱན་ནི་ཡུན་ནན་དང་།བོད་ལྗོངས།སི་ཁྲོན།མཚོ་སྔོན་སོགས་ས་ཆར་བྲིན་འཚོང་བྱེད་བཞིན་ཡོད།

      

     ཐོགས་མེད་ཟླ11པའི་ཚེས2ཉིན་དུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་འགོ་བརྩམས་པའི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཐོག་རང་གི་ཚེམ་བཟོ་བྱས་པའི་གོས་རྒྱན་ཁྱེར་ནས་འགྲེམས་སྟོན་དུ་ཞུགས་ཡོད། 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།