文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་ཀྱི་དྲི་བ་ཀུན་འདུས་དྲ་བ་དངོས་སུ་ཤར་གཏོང་བྱས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-04-02 11:25:48   འབྱུང་ཁུངས།༇གངས་ལྗོངས་ཉི་གཞོན།

བརྡ་འཕྲིན་གྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་རབས་ཉེར་གཅིག་གི་དུས་འདིར་ངེད་མཐོ་སྒང་གི་ཡུལ་གྲུ་འདིར་ཆ་འཕྲིན་གྱི་ཕོ་ཉ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་ཕྱོགས་ག་ས་ག་ནས་གསར་དུ་ཐོན་བཞིན་འདུག གནས་བབས་དེ་འདྲའི་ཁྲོད་གུས་པོས་ཀྱང་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་རྣམས་ལ་མཁོ་འདོན་དང་མཉམ་སྤྱོད་བྱེད་པའི་ཀུན་སློང་བཟང་པོ་ཞིག་འཁྱེར་སྟེ། དྲ་གནས་www.xyhlq.comའདི་འདྲ་ཞིག་གསར་དུ་བཟོས་ཤིང་། ལོ་གཅིག་ལྷག་རིང་ནང་དོན་གསར་སྤེལ་བྱེད་པ་དང་། དོ་སྣང་བྱེད་མཁན་གྱི་དགོས་མཁོ་ལྟར་དྲི་བ་མི་འདྲ་བར་ལན་འདེབས་ཀྱི་ཡོད་པས་ཀློག་པ་པོ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ཐེངས་འདིའི་དྲ་གནས་འདིར་WordPress4.0ལག་རྩལ་བེད་སྤྱད་ནས་གསར་དུ་བཟོས་པ་ཡིན་ཞིང་དེ་ནི་ད་སྔ་བོད་ཡིག་ཐོག་ནས་ཚ་ཆང་ཤོས་དང་ནུས་པ་ཆེ་ཤོས་ཀྱི་དྲི་བ་དྲི་ལན་གྱི་དྲ་གནས་ཤིག་ཏུ་ཆགས་ཡོད། དེའི་ཐད་བོད་ཡིག་བརྡ་འཕྲིན་ལག་རྩལ་ལག་རྩལ་མཁོ་འདོན་དང་པེ་ཅིང་ནས་རྒྱལ་ནང་གི་དྲ་ཚིགས་དཔང་རྟགས་ཆོག་མཆན་(京ICP备15008830号-1)ཐོབ་ཡོད། དེས་ན་དྲ་ཚིགས་འདི་ད་ལྟ་རྒྱལ་ནང་གི་ཁྲིམས་མཐུན་ཁེ་དབང་ཡོད་པའི་བོད་ཡིག་དྲི་བ་དྲིས་ལན་གྱི་དྲ་ཚིགས་ཆེ་ཤོས་དེ་ཡིན། དེའི་ཐད་ལུག་ཚང་དཔལ་ཡོན་འགན་ཁུར་པ་རྒན་ཡེ་ཤེས་བསྟན་འཛིན་གྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་འགྲོ་གྲོན་ཐད་རྒྱ་ཆེའི་ཐུགས་ཁུར་པ་མང་པོའི་ཡིད་མཐུན་རོགས་སྐྱོར་འོག་མ་དངུལ་གྱི་དཀའ་ངལ་བདེ་བླགས་ངང་སེལ་བྱུང་བས་གུས་པོས་ཐལ་མོ་སྙིང་ཁར་སྦྱར་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། །

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།