文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
གླུ་བ་ནོར་བུས་《པོ་ཏ་མཚོའི་བརྩེ་མདངས》ཞེས་པའི་གླུ་དབྱངས་ཆེད་སྒྲིག་འགྲེམ་སྤེལ་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-05-14 11:23:14   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་ལམ། སྔོན་མ་སྐྱེས་ཨ་མའི་ཁ་བའི་ཚན་སྡེབ་ཀྱི་ཁོངས་མི་ནོར་བུ་ཡིས་《པོ་ཏ་མཚོའི་བརྩེ་མདངས》་ཞེས་པའི་མི་སྒེར་གྱི་ཆེད་སྒྲིག་གླུ་དབྱངས་ཐོག་མ་ཕབ་ཚར་བས་མི་འགྱངས་བར་རྒྱ་ཆེ་བའི་ཡུལ་མི་སྤུན་ཟླའི་སྤྱན་ལམ་དུ་འབུལ་རྒྱུ་རེད། 

        2015ལོ་ནི་གཡང་དཀར་ལུག་ལོ་ཡིན་ལ། ཁ་བ་དཀར་པོའི་རང་ལོ་ཡང་ཡིན་པས། ནོར་བུས་ཆེད་དུ་《པོ་ཏ་མཚོའི་བརྩེ་མདངས》ཞེས་པའི་གླུ་དབྱངས་ཆེད་སྒྲིག་འདི་ཕབ་ནས་ཁ་བ་དཀར་པོའི་རང་ལོ་ལ་རྟེན་འབྲེལ་ཞུས་པ་དང་སྦྲགས་རང་གི་གླུ་སྐད་སྙན་མོས་ཕ་ཡུལ་གྱི་རི་ཆུ་དང་ཡུལ་མི་སྤུན་ཟླ་རྣམས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། ཆེད་སྒྲིག་གླུ་དབྱངས་འདི་ནི་ཁུན་མིང་དབྱི་ཧེ་རིག་གནས་ཚད་ཡོད་ཀུང་སིས་ཕབ་བསྐྲུན་བྱས་པ་རེད།

        གླུ་བ་ནོར་བུ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ལ་རི་སྡེ་བ་ནས་སྐྱེས་པ་ཡིན་ལ། ཆུང་དུས་ནས་གླུ་དབྱངས་ལེན་པར་ཧ་ཅང་དགའ། ཁོང་གིས་ལོ་དུ་མའི་སྔོན་ལ་ཕ་ཡུལ་དང་ཁ་བྲལ་ནས་ཁུན་མིང་མ་སྐྱེས་ཨ་མའི་གླུ་གར་ཁང་དུ་ལས་ཀ་ལས་བཞིན་ཡོད་པ་དང་། ཆུང་དུས་ནས་ལྷན་སྐྱེས་ཀྱི་གླུ་སྐད་སྙན་མོ་དང་གླུ་ལ་དགའ་བའི་བརྩེ་སེམས་ཟབ་མོས་གླུ་དབྱངས་ཀྱི་ལམ་བུར་རྒྱུན་འཁྱོངས་བྱས་པ་མ་ཟད། སྔ་གཞུག་ཏུ་འགྲན་བསྡུར་མང་པོ་རུ་ཞུགས་མྱངས་ལ་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། ཁོང་གིས་2006ལོའི་ཀོང་ཞི་དམངས་གླུའི་དུས་ཆེན་གྱི་རྨ་བྱའི་བུམ་པའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་།  2011ལོ་དང་ 2012  ལོར་ཀྲུང་གོའི་བོད་གླུའི་འགྲན་ཚོགས་ཀྱི་སྔོན་གྱི་ཨང་རིམ་བཅུ་བའི་གླུ་བར་ཚུད་ཡོད་ལ། ཡུན་ནན་ཞིང་ཆེན་སྐབས་བཅུ་བཞི་པའི་ན་གཞོན་གླུ་བའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གླུ་བའི་བྱ་དགའ་ཐོབ་པ། 2012ལོར་ཀྲུང་གོའི་བོད་ཀྱི་ཞོ་སྟོན་གླུ་དབྱངས་འགྲན་བསྡུར་ཐོག་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།