文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་ལྗོངས་སུ་ས་ག་ཟླ་བའི་དུས་ཆེན་ཐོན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-05-22 10:07:27   འབྱུང་ཁུངས།༇མི་དམངས་དྲ་བ།

  ཟླ་5ཚེས་19ཉིན་ནི་བོད་རྩིས་ཀྱི་ཟླ་4ཚེས་1ཉིན་ཡིན་པ་དང་། ཉིན་འདི་ནི་བོད་ཀྱི་དུས་ཆེན་ས་ག་ཟླ་བའི་ཉིན་དང་པོ་རེད། བོད་རྩིས་སུ་ཟླ་བཞི་པར་ས་ག་ཟླ་བ་ཟེར་ཞིང་། ཟླ་འདིའི་ནང་རང་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་གསུམ་འཛོམས་པའི་ཟླ་བ་ཞིག་ཡིན། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱིས་ཟླ་འདིའི་ནང་རྣམ་དཀར་གྱི་ལས་བསྒྲུབ་ན་བྱིན་བརླབས་དང་ཕན་ཡོན་ཆེ་བར་སྙམ་པས། ཁོང་ཚོ་སྔ་མོ་ནས་ལངས་ཏེ་བསྐོར་བ་བྱེད་པ་དང་། མཆོད་མཇལ་ལ་འགྲོ་བ། རྣམ་དཀར་གྱི་ལས་སོགས་བསྒྲུབ། དགོན་སྡེ་ཁག་གིས་ཀྱང་སྨོན་ལམ་འཚོགས་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།