文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་ལོ་18000ལྷག་ཙམ་སོང་བའི་དར་གོས་ཤིག་རྙེད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-04-23 11:50:33   འབྱུང་ཁུངས།༇མི་དམངས་དྲ་བ།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་ཉིན་ཤས་གོང་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་ས་ཁུལ་དུ་མཉམ་འབྲེལ་ཐོག་གནའ་རྫས་སྔོག་འདོན་བྱེད་སྐབས་ད་བར་ལོ་1800ལྷག་ཙམ་སོང་བའི“བྱ་རིགས་དང་སྲོག་ཆགས་ཀྱི་རི་མོ་འཁོད་པའི་རྒྱལ་བློན་གྱི་གྱོན་ཆས”ཤིག་རྙེད་པ་རེད། དེ་ལས་ཧན་ཅིན་རྒྱལ་རབས་སུ་ས་ཁུལ་དེ་དར་གོས་ལམ་བུའི་རྒྱུད་དུ་གནས་པ་དང་སྐབས་དེ་དུས་མཚོ་བོད་ས་མཐོའི་ནུབ་རྒྱུད་ས་ཁུལ་གྱིས་དར་གོས་ལམ་བུ་བརྒྱུད་ནས་ནང་ས་དང་རིག་གནས་དང་ཚོང་དོན་སྤེལ་རེས་བྱེད་པ་ར་སྤྲོད་བྱུང་ཡོད།
     བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལི་ལིན་ཧུའེ་ཡིས་2012ལོ་ནས་2014ལོ་བར་གནའ་རྫས་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་སྟོད་རྒྱུད་ཀྱི་སྒར་རྫོང་གུ་རུ་གྱམ་བང་སོ་ནས་གསེར་གྱི་ངོ་འབག་དང་། ཟངས་ཆས། རྫ་ཆས་སོགས་རྩ་ཆེའི་རིག་དངོས་མང་པོ་རྙེད་ཡོད་། པུར་སྒམ་ནས་རྙེད་པའི་དར་གོས་དེ་ནི་བོད་ནས་བཙལ་རྙེད་བྱུང་བའི་དར་གོས་རྙིང་ཤོས་ཤིག་ཡིན། དེར་ཞིབ་དཔྱད་བྱས་པ་བརྒྱུད་དར་གོས་དེ་སྤུ་མ་རྒྱ་གསེར་དང་རྒྱུ་སྤུན་མ་གཉིས་སུ་ཕྱེ་བའི་ནང་ནས་རིགས་གཅིག་མཁས་ཅན་གྱིས“བྱ་རིགས་དང་སྲོག་ཆགས་ཀྱི་རི་མོ་འཁོད་པའི་རྒྱལ་བློན་གྱི་གྱོན་ཆས”ཞེས་འབོད་པའི་དར་གོས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་ཅེས་གསུངས།

ལི་ལིན་ཧུའེ་ཡིས་དར་གོས་དེ་རིགས་དེ་སྔ་ཤིན་ཅང་གི་ཡིང་ཕན་བང་སོ་དང་ཐུ་ལུ་ཧྥན་ཨ་སི་ཐ་ན་བང་སོ་ནས་རྙེད་མྱོང་བ་དེ་དག་ཧན་ཅིན་རྒྱལ་རབས་དུས་ཀྱི་ཡིན་ཞིང་། ད་རེས་བོད་ནས་རྙེད་པའི་དར་གོས་དེའི་ལོ་རབས་ལ་གནའ་རྫས་རིག་པའི་དཔང་རྟགས་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་དར་གོས་དེའི་མ་དཔེ་ནང་སའི་ཆེད་ལས་རྟོག་ཞིབ་ཚོད་ལྟ་ཁང་དུ་བསྐྱལ་ནས་སྔར་བས་དབྱེ་ཞིབ་བྱ་རྒྱུ་མ་ཟད། པུར་སྒམ་ནང་གི་ཀེང་རུས་ལ་བརྟག་དཔྱད་བྱས་རྗེས་ཕོ་མོ་གང་ཡིན་དང་ལོ་ག་ཚོད་ལ་སླེབས་མིན་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

 ལོ་རྒྱུས་དེབ་ཐེར་ནང་ཞང་ཞུང་རྒྱལ་རབས་ཉུང་མཐར་ཡང་ད་བར་གྱི་ལོ་3800གོང་དུ་ཆགས་པ་དང་སྤྱི་ལོའི་དུས་རབས་བདུན་པའི་གོང་དུ་མངའ་ཐང་རྒྱས་ཤོས་ཀྱི་དུས་སུ་སླེབས་པ་བཀོད་ཡོད། ལི་ལིན་ཧུའེ་ཡིས་དུར་སྦས་ཀྱི་ལོ་རབས་དེ་ད་ནས་རྩིས་པའི་1800ལྷག་ཙམ་གོང་ཡིན་པ་དེ་ཞང་ཞུང་རྒྱལ་རབས་མངའ་ཐང་རྒྱས་པའི་དུས་ཡིན་པར་བརྟེན་པུར་སྒམ་ནང་གི་མི་དེ་ཞང་ཞུང་རྒྱལ་རབས་ཀྱི་སྐུ་དྲག་ཅིག་ཡིན་བཟོ་ཆེ་ཞེས་གསུངས།

ལི་ལིན་ཧུའེ་ཡིས་ད་ཐེངས་བོད་ནས་རྙེད་པའི་དར་གོས་དེ་ཐོག་ནས་པུར་སྒམ་ནང་གི་མི་དེའི་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་མཐོ་པོ་ཡོད་པ་མཚོན་པ་དང་དེ་ལས་མཚོན་པའི་ནང་དོན་དང་ངོ་བོ་ད་དུང་སྔར་བས་ཞིབ་འཇུག་བྱེད་དགོས་པ་ཞིག་ཡོད་ཅེས་གསུངས།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།