文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བདེ་ཆེན་དམངས་ཁྲོད་དུ་ཁྱབ་པའི་རིག་རྫས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-01-09 11:49:48   འབྱུང་ཁུངས།༇

བདེ་ཆེན་གྱི་དམངས་ཁྲོད་དུ་སྤུས་ལེགས་པའི་རིག་རྫས་མང་པོ་ཁྱབ་ཡོད་དེ།  ཉེ་ཆའི་ལོ་ཤས་རིང་། ས་ཆ་གཞན་པ་མ་ཟད་རྒྱལ་ཕྱིའི་ཡུལ་སྐོར་བའང་མང་པོ་ཡོང་བ་དང་།ཁྱད་པར་དུ།ཅང་ཀྲེ་དང་ཀོང་ཏུང་ས་ཁུལ་གྱི་ཡུལ་སྐོར་བས་བདེ་ཆེན་དུ་དགའ་ཞེན་ཆེ་བའི་རིག་རྫས་ཡོད་པ་མཐོང་རྗེས།  སྤྱིར་བཏང་དུ་གཏོང་ཕོད་ཆེ་བའི་ངང་ནས་ཉོ་པས། མི་རིགས་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་རྫས་རིམ་གྱིས་གཞན་སར་ཁྱབ་པ་རེད།  དེར་མ་ཟད།  རིག་རྫས་ཀྱི་ལས་བྱེད་པས་ཆེས་སེམས་ཁྲལ་བྱེད་ས་ནི་རིག་རྫས་འགའ་ཞིག་དང་ཁྱད་པར་དུ་སྐུ་འདྲ་དང་ཆོས་གཞུང་སོགས་ཕྱི་རྒྱལ་དུ་ཁྱབ་པའང་ཡོད་ལ། ལྗར་པན་དང་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་གྱི་མི་སྒེར་བསྡུ་ཉར་བྱེད་མཁན་གྱིས་བསྡུ་ཉར་བྱས་ཡོད།

   ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྔར་ལས་ལྷག་པར་རིག་རྫས་ཀྱི་སྲུང་སྐྱོབ་ལས་ཀ་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་།སྔར་ལས་མང་ཞིང་ རིན་ཐང་ལྡན་པའི་རིག་རྫས་ནི་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སུ་བཅུག་པ་རེད།དེ་ལྟར་བྱས་ན་དངོས་མང་བཤམས་སྟོན་ཁང་གི་གདང་རིམ་ཇེ་མཐོར་གཏོང་བ་དང་།འགྲེམ་སྟོན་ཁང་དུ་ཉར་བའི་རིག་རྫས་ཀྱང་སྣ་མང་དུ་གྱུར་ཏེ། ཡུལ་སྐོར་བ་མང་པོས་རིག་རྫས་ལ་ལྟ་སྐོར་བྱས་བརྒྱུད་བདེ་ཆེན་གྱི་ངོ་མཚར་ཆེ་བའི་ལོ་རྒྱུས་དང་རིག་གནས་ལ་ཤེས་རྟོགས་བྱ་ཆོག་པ་རེད། 

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།