文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་ལྗོངས་ལྷུན་རྩེ་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྟོན་དེ་ལྷ་སར་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-08-25 10:10:17   འབྱུང་ཁུངས།༇མི་དམངས་དྲ་བ།

             ལྟ་སྐོར་བས་ཇ་མདོང་སོགས་ལག་ཤེས་བཟོ་རྫས་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

   ལག་ཤེས་བཟོ་རྩལ་པས་ཤིང་ལས་གྲུབ་པའི་ཆང་སྣོད་བཟོ་བའི་གནས་ཚུལ་ཡིན་པ།

 

        ཟླ་8ཚེས་20ཉིན་བོད་ལྗོངས་ལྷུན་རྩེ་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པ་དང་ཁྱོན་སྣ་ཁ་17གྱི་འགྲེམས་དངོས་150ལྷག་ཙམ་ཡོད་པ་དེ་དག་བོད་ཀྱི་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་དངོས་རྫས་ཡིན་པ་རེད།ལྷུན་རྩེ་རྫོང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་མཐའ་མཚམས་རྫོང་ཞིག་ཡིན་པ་དང་བོད་རིགས་དང་།རྒྱ་རིགས།ལྷོ་པ་རིགས་སོགས་མི་རིགས་བཅུ་གྲངས་གནས་སྡོད་བྱེད་ཀྱི་ཡོད།ཐག་རིང་གི་ས་ཁོངས་དང་མི་རིགས་མང་པོ་ཁྱབ་པར་བརྟེན་དེ་གའི་མི་རིགས་ལག་ཤེས་བཟོ་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།

 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།