文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་བདེ་ཆེན་དུ་སྟོན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:14:12   འབྱུང་ཁུངས།༇

ཆོལ་གསུམ་ཞིང་གི་ཤར་ལྷོ། རོང་བཙན་ཁ་བ་དཀར་པོའི་སྤྱན་སྔར་དུ་ཆགས་པའི་བདེ་ཆེན་ཁུལ་ནི་གནམ་མཐོ་ལ་ས་གཙང་ཞིང་། མེ་ཏོག་དང་རྩི་ཤིང་གི་དྲི་ངད་འཐུལ་ཞིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གཙང་མོས་ཀུན་དུ་བསྐོར་བ་དང་། ཡུལ་མི་ཚོས་སེམས་རྣམ་པར་དག་པའི་སྒོ་ནས་དམ་ཆོས་ལ་དད་པས་ཁོར་ཡུག་ཀུན་དུ་རླུང་རྟ་དང་དར་ལྕོག་ལ་སོགས་སངས་རྒྱས་ཆོས་ལུགས་ཀྱི་ཤིས་རྫས་དུ་མས་ཁེབས་ཡོད་ལ། རླུང་བུ་དལ་གྱིས་ལྡང་བའི་དགོན་སྡེའི་ནང་དུ་དགེ་འདུན་གྱི་ཚོགས་ཀྱིས་གང་བས། གནས་མཆོག་འདི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རོ་མངར་མོས་གསོས་པའི་ཞིང་ཁམས་ཤིག་ཏུ་གྱུར་ཡོད།

དགོན་པ་ནི་སེམས་ཀྱི་ཉི་ཟླའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བརྟེན་བྱེད་བླ་མེད་ཞིག་ཡིན། དགོན་པ་དག་རི་ངོགས་སུ་ཆགས་ཤིང་དད་ལྡན་མང་ཚོགས་ཀྱིས་ཕྱག་འཚལ་སར་གྱུར་ཡོད། མིའི་གཞིས་གནས་ཡོད་སར་དགོན་པ་རེ་ཡོད་ངེས་པ་དཔེར་ན། སེམས་ཀྱི་ཉི་ཟླ་རྫོང་དུ་སུམ་རྩེན་གླིང་དང་རྫོང་འགོ་ཤོག་པ་ལྷ་ཁང་། སྔགས་འཕེལ་དགོན། ལྷ་མཁར། རིག་ལྔ་གནས་བཅས་དང་། འཇོལ་རྫོང་དུ་དོན་འགྲུབ་གླིང་དང་། བདེ་ཆེན་གླིང་། ནམ་མཁའ་བཀྲ་ཤིས། ཡངས་པ་ཅན་དགོན། འབའ་ལུང་དུ་དམ་པ་དགོན་དང་བཀྲ་ཤིས་དར་རྒྱས་གླིང་སོགས་ཡོད།

དགོན་པ་དེ་དག་ལས་སྙན་གྲགས་ཀྱི་བ་དན་མཐོར་སྒྲེང་བ་ནི་དགའ་ལྡན་སུམ་རྩེན་གླིང་ལས་མ་འདས་ཏེ། པོ་ཏ་ལ་ཆུང་བ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།
གནས་སྐོར་འགྲོ་བ་ནི་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་པའི་ཚོགས་བསགས་ཚུལ་ལེགས་ཤོས་ཡིན་ཏེ། གནས་ཆེན་ཁ་བ་དཀར་པོ་དང་དམ་པ་གནས་སུ་གནས་སྐོར་འགྲོ་བ་མང་། གནས་སྐོར་གྱི་དུས་ཡུན་ནི་རིང་ན་ཟླ་བ་ཕྱེད་ཙམ་དང་། ཐུང་ན་གཟའ་འཁོར་གཅིག་ཡིན། དཀའ་ངལ་ཁྱད་བསད་བྱས་ནས་གནས་སྐོར་ཐེངས་རེ་འགྲོ་ཐུབ་ན། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། དག་པའི་ཞིང་དུ་ཕྱིན་ཐུབ་པར་གྲགས། (ཚུལ་ཁྲིམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།