文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བདེ་ཆེན་ཁུལ་གྱི་དངོས་མང་འགྲེམ་སྟོན་ཁང་འགའི་ངོ་སྤྲོད་མདོར་བསྡུས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:30:13   འབྱུང་ཁུངས།༇

མེས་པོ་ཤུལ་བཞག་དང་སྔོན་གཤེགས་དཔའ་བོའི་བྱས་རྗེས་དག་མི་བརྗེད་རྡོ་ལ་རི་མོ་བརྐོས་ལྟར་དྲན་འཛིན་གྱི་ལེ་ལོང་དུ་གསལ་བ་དང་། ཕྱི་ཕྱོགས་ཀྱི་སྐྱེ་བོ་རྣམས་ལ་གསལ་ཆ་གང་དོད་སྟེར་ནས། མི་རིགས་རིག་གནས་དང་གསར་བརྗེའི་རིག་གནས་དྲིལ་བསྒྲགས་བྱེད་ཆེད། བདེ་ཆེན་སེམས་ཀྱི་ཉི་ཟླར་དངོས་མང་འགྲེམ་སྟོན་ཁང་གང་མང་ཞིག་བསྐྲུན་ཡོད་ནི་འདི་ལྟ་སྟེ། དམར་དམག་རྒྱང་སྐྱོད་དངོས་མང་འགྲེམ་སྟོན་ཁང་དང་། ཁུལ་དངོས་མང་འགྲེམ་སྟོན་ཁང་། ཇ་རྟ་གནའ་ལམ་དངོས་མང་འགྲེམ་སྟོན་ཁང་བཅས་ཡོད། ལྟད་མོ་བ་དག་གིས་ལྟ་སྐོར་ཐེངས་རེ་གཉིས་འགྲོ་བས་ན་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟབ་མོ་མྱོང་ཐུབ། དམར་དམག་རྒྱང་སྐྱོད་དངོས་མང་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་ཁང་ཚན་6ཡོད། དེའི་ལོ་རྒྱུས་རགས་ཙམ་ཞུས་ན། 1936ལོའི་ཟླ་4པའི་ཚེས་25ཉིན། དམར་དམག་དཔུང་སྡེ་གཉིས་པ་དང་དྲུག་པས་འབྲི་ཆུ་བརྒལ་ནས་བདེ་ཆེན་གྱི་ཁུངས་སུ་སླེབས། མི་རིགས་ཁག་གི་སྤུས་ཟླས་རོགས་སྐྱོར་བྱས་འོག བདེ་བླག་ངང་ལམ་ཐག་སྤྱི་ལེ་405འགྲོ་ནས་བོད་རིགས་ཀྱིས་གཙོས་པའི་ཤང་དང་གྲོང་རྡལ་7དང་། སྲིད་འཛིན་གྲོང་ཚོ་22། གྲོང་སྡེ་114བརྒལ་ནས་ཟླ་5པའི་ཚེས་13ལ་བདེ་ཆེན་ཀྱི་མངའ་ཁུངས་ལས་བརྒལ། བདེ་ཆེན་གྱི་ས་ཁུངས་སུ་ཉིན་19འགྲོ་བའི་རིང་ལ། སྔ་རྗེས་སུ་གངས་རི་ཆེན་པོ་གསུམ་བརྒལ་ཞིང་། འཐབ་འཛིང་ལན་གཉིས་བྱས། འཐབ་འཛིང་མཛུབ་སྟོན་པ་160ལྷག་བདེ་ཆེན་གྱི་མངའ་ཁུངས་སུ་ཚེ་ལས་འདས་པ་དང་། རྫོང་ནང་གི་མི་7དམག་དཔུང་དང་འགྲོས་ནས་ཡིག་བསྒྱུར་བ་དང་། ལམ་སྣ་ཁྲིད་མཁན་འགྲོ་བ་དག་ཚང་མ་ཚེ་ལས་འདས། འགྲེམ་སྟོན་ཁང་དུ་དམར་དམག་གིས་དཀའ་སྡུག་བསམ་གྱིས་མི་ཁྱབ་པ་ཁྱད་བསད་བྱས་ནས་རྩྭ་ཐང་དང་གངས་རི་བརྒལ་བའི་ལོ་རྒྱུས་དག་འགྲེམ་སྟོན་གསོན་ཉམས་ལྡན་པ་བྱས་ཡོད།

བདེ་ཆེན་ཁུལ་དངོས་མང་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་ལེ་ཚན་བཞི་ཡོད་ནི་རང་བྱུང་གི་སེམས་ཀྱི་ཉི་ཟླ་དང་། སེམས་ཀྱི་ཉི་ཟླའི་ལོ་རྒྱུས། སེམས་ཀྱི་ཉི་ཟླའི་རིག་གནས། སེམས་ཀྱི་ཉི་ཟླའི་མིང་བརྗེ་ནས་ལོ་ངོ་བཅུའི་རིང་གི་གྲུབ་འབྲས་བཅས་ཡིན། འགྲེམ་སྟོན་ཁང་དུ་དགའ་ད་ལན་རྡོ་ཆས་གསར་མའི་སྐབས་ཀྱི་རིག་རྫས་དང་། མི་རིགས་ཁག་གིས་གོས་རྒྱན་འགྲེམ་སྟོན་བྱེད་ཡོད། འགྲེམ་སྟོན་རིག་རྫས་རེ་རེས་ལོ་རྒྱུས་ཀྱི་འདས་དོན་ལྗིད་པོ་རེ་ཁུར་ནས། རང་ཁུལ་གྱི་ཁྱད་འཕགས་ཕུན་སུམ་ཚོགས་པའི་རིག་གནས་འགྲེམ་སྟོན་བྱས་ཡོད། གྲུབ་འབྲས་འགྲེམ་སྟོན་ལེ་ཚན་དུ། པར་རིས་དང་དཔྱད་ཆ་བཅས་འགྲེམ་སྟོན་བྱ་ཐབས་སྣ་མང་ལ་རག་ལས་ནས། ཏང་གིས་འགོ་ཁྲིད་འོག་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་མགྱོ གས་ཤིང་འཇགས་པའི་སྒོ་ནས་འཕེལ་རྒྱས་བྱུང་ཏེ་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་སོང་བ་དག་སྟོན་ཡོད།
  ཇ་རྟ་གནའ་ལམ་དངོས་མང་འགྲེམ་སྟོན་ཁང་གིས་པར་རིས་དང་། དཔྱད་ཆའི་ཡི་གེ རྟ་པའི་སྤྱོད་ཆས་བཅས་ལ་བརྟེན་ནས། རྟ་འགྲིམ་འགྲུལ་ལག་ཆ་གཙོ་བོར་གྱུར་པའི་དམངས་ཁྲོད་ཀྱི་རྒྱལ་སྤྱིའི་ཚོང་ལམ་ཆ་ཚང་ཞིག་སྟོན་ཡོད། འགྲེམ་སྟོན་རིག་རྫས་སྣ་མང་ལ་བརྟེན་ནས་རྒྱལ་གཅེས་ཚོང་པ་མ་ཀྲུའུ་ཚའེ་གཟི་བརྗིད་ཀྱི་ཚེ་གང་པོ་གསལ་སྟོན་བྱས་ཡོད།

བདེ་ཆེན་ཁུལ་གྱི་དངོས་མང་འགྲེམ་སྟོན་ཁང་དག་ཏུ་ལྟ་སྐོར་འགྲོ་ན། ཤེས་རིག་དང་མིག་རྒྱང་ཇེ་ཡངས་སུ་འགྲོ་ཐུབ་ལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱོང་ཐུབ་པ་ལ་སོགས་དོན་སྙིང་དུ་མ་ལྡན་ནོ། (ཚུལ་ཁྲིམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།