文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
“སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་མོའི”གནས་སྐོར་ཡུལ་ལྗོངས་སྐྲུན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:29:13   འབྱུང་ཁུངས།༇

ཟླ4པའི་ཚེས་27ཉིན། ཡུན་ནན་ཞིང་ཆེན་གྱིས་སྒོར་དུང་ཕྱུར་15བཏང་ནས་འབའ་ལྷ་དཀར་རྫོང་ལྫོངས་ཁུལ་དེ་སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་མོར་སྐྲུན་ལ། ཡུན་ནན་བོད་ཁུལ་ལ་རོགས་བྱས་ནས་ལྗོངས་ཡུལ་གྱི་རྟེན་གཞིའི་སྒྲིག་གཞི་ལེགས་པོར་སྐྲུན་པ་རེད། མི་ལོ1300ལྷག་གི་ལོ་རྒྱུས་ལྡན་པའི་བོད་མིའི་གྲོང་སྡེ་སྟེ་འབའ་ལྷ་གྲོང་ཚོའི་གནའ་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཡུལ་སོགས་བརྒྱུད་ནས། མི་རྣམས་ལ་གནའ་བོའི་བོད་ཁུལ་གྱི་རྣམ་པ་མངོན་པ་རེད།

འབའ་ལྷ་དཀར་རྫོང་ནི་བོད་ཁུལ་གྱི་ས་མིང་ཞིག་ཡིན་ཏེ། ཡུན་ནན་དང་སི་ཁྲོན། བོད་ལྗོངས་ཀྱི་འབྲེལ་མཚམས་དང་། སེམས་ཀྱི་ཉི་ཟླའི་ནུབ་བྱང་དུ་གནས་ཡོད་པ་རེད། རྫོང་མཁར་དང་སྤྱི་ལེ་58ཡོད་ལ། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དང་སྤྱི་ལེ་63 ཁུན་མིང་དང་སྤྱི་ལེ་704ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་176ཡོད་པ་རེད།

འབའ་ལྷ་དཀར་རྫོང་ནི་སེམས་ཀྱི་ཉི་ཟླའི་རྫོང་གི་ཆེས་མཐོ་བའི་རི་ཡིན་ལ། མཚོ་ངོས་ལས་མཐོ་ཚད་སྨི་5545ཡོད་པ་དང་། ཆེས་དམའ་ཤོས་ནི་ལྷོ་ཕྱོགས་ཀྱི་ཆུ་གྲོང་སྟེ། མཚོ་ངོས་ལས་མཐོ་ཚད་སྨི2200ཡོད་པས། ཆེས་མཐོ་ཤོས་དང་དམའ་ཤོས་གྱི་བར་ཁྱད་སྨི3345ཡོད་ལ། ས་དབྱིབས་དང་གནམ་གཤིས་ཀྱི་ཁྱད་ཆོས་ཧ་ཅང་མངོན་གསལ་ཡིན།

འབའ་ལྷ་དཀར་རྫོང་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ་དུ་གངས་རི་དང་ནགས་ཚལ། རྩྭ་ཐང་། ཆུ་ཕྲན། མཚེའུ། གནའ་གྲོང་སོགས་ཡུལ་ལྗོངས་མང་པོ་ཡོད་པས། སེམས་ཀྱི་ཉི་ཟླའི་རང་བྱུང་གི་མཛེས་ལྗོངས་ཚང་མ་ཕལ་ཆེར་གཞི་གཅིག་ཏུ་བསྡུས་ཡོད་ལ། བོད་བརྒྱུད་ནང་བསྟན་དང་བླ་རི་གནས་རི། མི་རིགས་རིག་གནས་སོགས་ཀྱང་གཞི་གཅིག་ཏུ་བསྡུས་པས། འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་གཉིས་འཆམ་མཐུན་དུ་གནས་པའི་སེམས་ཀྱི་ཉི་ཟླའི་སྣང་བརྙན་སྐྲུན་ལ། རང་རྒྱལ་དང་ཕྱི་རྒྱལ་གྱི་གནས་སྐོར་བ་ཀུན་གྱིས་ཁས་ལེན་པའི་གནས་མཆོག་ཏུ་གྱུར་ཡོད་པ་རེད།

འབའ་ལྷ་དཀར་རྫོང་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ་ནི་སི་ཁྲོན་འདབ་པ་དང་སྙི་སྟེང་། སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་། ཁ་བ་དཀར་པོ། སྟག་མཆོང་གྲོག་རོང་སོགས་དང་འབྲེལ་ཡོད་ལ། ས་གཤིས་དམའ་ཞིང་། གནམ་གཤིས་བཟང་པས། གནས་སྐོར་བའི་དགའ་བསུ་ཐོབ་པ་རེད། འབའ་ལྷ་དཀར་རྫོང་ལྗོངས་ཁུལ་ནི་1999ལོ་ནས་འཛུགས་སྐྲུན་གྱི་འགོ་བརྩམས་པ་དང་། 2007ལོའི་ཟླ9པའི་ཚེས9ཉིན་ནས་ལས་གཉེར་བྱས་པ་རེད། 2009ལོའི་ཟླ4པའི་ཚེས26ཉིན།འཛམ་གླིང་གནས་སྐོར་ཚོགས་ཨུ་ཡིས་རྒྱལ་སྤྱིའི་མིང་རྟགས་ཅན་གྱི་གནས་སྐོར་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ་དང་། 2009ལོའི་ཟླ་12པའི་ཚེས་28ཉིན་རྒྱལ་ཁབ་གནས་སྐོར་ཅུས་ཀྱིས་རྒྱལ་ཁབ་4Aརིམ་པའི་གནས་སྐོར་ལྗོངས་ཁུལ་ལ་གཏན་འབེབས་བྱས་པ་རེད། མིག་སྔར། འབའ་ལྷ་དཀར་རྫོང་ལ་འཛམ་གླིང་རང་བྱུང་ཤུལ་རྫས་དང་རྒྱལ་ཁབ་རིམ་པའི་གནས་མཆོག་ལྗོངས་ཁུལ་གྱི་རྒྱལ་སྤྱིའི་མིང་རྟགས་གཉིས་ཡོད་པ་རེད།

ཡུན་ནན་བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཀྱིས་ཡུན་ནན་ཞིང་ཆེན་གྱི་རིག་གནས་ཐོན་རྫས་རུ་ཚོགས་ཀྱིས་ཐོ་འགོད་མ་རྩ་བཏང་ནས་བདེ་ཆེན་དང་མཉམ་དུ་འཛུགས་སྐྲུན་བྱས་ལ། བོད་ཁུལ་གྱི་མི་དམངས་ལ་འབྱོར་ཕྱུག་གྱི་ལམ་ཆེན་སྐྲུན་པ་མ་ཟད། ལྗོངས་ཁུལ་གྱི་མཚན་སྙན་གྲགས་ལའང་ཤུགས་རྐྱེན་བཟང་པོ་ཐེབས་པ་རེད་ཅེས་བཤད་བྱུང་།(པད་མ་མཚོས་བསྒྱུར)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།