文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
བོད་ཀྱི་ཐང་ག
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:28:35   འབྱུང་ཁུངས།༇

2012ལོའི་ཟླ6པའི་ཚེས22ཉིན།སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཧ་ཅང་སྤུས་དག་ཞིང་མཛེས་ཉམས་ལྡན་པའི་ཐང་ག་མང་པོ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་ཚོང་རར་སྐྱེལ་བ་དང་།རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།

ཐང་ག་ནི་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་བ་རིག་པའི་ཁོངས་སུ་གཏོགས་ལ།ཆོས་ལུགས་ཀྱི་ནང་དོན་བརྗོད་བྱ་གཙོ་བོར་བྱས་པ་དང་།བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད།རིག་གནས།སྤྱི་ཚོགས་འཚོ་བ་སོགས་ཀྱི་ནང་དོན་ཡང་འདུས་པ་རེད།ཐང་ག་ལ་ཚོན་ཐང་དང་གོས་ཐང་སོགས་ཀྱི་རིགས་མང་པོ་ཡོད་ལ།ཐང་གར་བཟོ་བྱེད་ཀྱི་རྒྱུ་ཆ་ལ་ཡང་ཆ་རྐྱེན་མང་པོ་ཡོད་པ་རེད།བོད་ཀྱི་ཐང་ག་དེ་རང་རྒྱལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མིང་ཐོར་བཀོད་ཡོད་པ་རེད།

སེམས་ཀྱི་ཉི་ཟླའི་རྒྱལ་ཐང་གྲོང་རྡལ་རྡོ་མཁར་རྫོང་ཅིན་ལོང་སྲང་ལམ་སྒོ་རྟགས་31པར་གནས་པའི་སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་མཐུན་ཚོགས་ཀྱིས་རང་ས་ཁུལ་གྱི་བོད་རིགས་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བར་ནུས་ཤུགས་འདོན་པ་རེད།མཐུན་ཚོགས་འདིས་གཏེར་མ་རོང་དང་ལྷ་ས།མཚོ་སྔོན་སོགས་ནས་ཐང་གའི་དགེ་རྒན་མང་པོ་གདན་འདྲེན་བྱས་ཏེ།བོད་ཀྱི་ན་གཞོན་རྣམས་ལ་ཐང་གའི་སྒྱུ་རྩལ་རྒྱུད་སྤེལ་བྱས་པ་རེད།
(པད་མ་མཚོས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།