文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
རྫ་མ་ནག་པོའི་གཟི་འོད།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:25:52   འབྱུང་ཁུངས།༇

ཉི་ཤར་རྫ་ནག་ནི་སེམས་ཀྱི་ཉི་ཟླའི་ཚོང་བྲིན་པའི་ཁྱད་ཐོན་དངོས་རྫས་ཤིག་ཡིན། ཉི་ཤར་རྫ་ནག་ནི་མདོག་ནག་ཅིང་བཀོད་དབྱིབས་སྟབས་བདེ་ཞིག་ཡིན་ལ། དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་བོད་མིས་རྒྱུན་སྤྱོད་ཁྱིམ་ཆས་ཤིག་ཡིན། དེང་སང་ཉི་ཤར་རྫ་ནག་དེ་སྒྱུ་རྩལ་ཐོན་རྫས་ཀྱི་རྣམ་པས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་བོད་ཀྱི་བཟོ་རྩལ་པའི་གསར་གཏོད་ལ་བརྟེན་ནས་འཛམ་གླིང་ཐོག་གི་ས་ཆ་གང་མང་དུ་ཁྱབ་ཡོད།

ཉི་ཤར་ཤང་ཐང་སྟོད་གྲོང་གི་བསོད་ནམས་ཚེ་རིང་གི་ཁང་ཁྱིམ་དང་། ཉི་འོད་རྐང་རེ་གཉིས་ཀྱིས་ཁང་ཆུང་ནང་གི་རྫ་ནག་བཟོ་བྱེད་ཀྱི་རྒྱུ་ཆ་དག་གསལ་ལེར་བྱས། ལོ་ན་བདུན་བཅུ་ལ་ཉེ་བའི་རྫ་མཁན་བསོད་ནམས་ཚེ་རིང་གི་སོན་རྩེར་འགོ་འཁོར་ནས་རྫ་བཟོ་བཞིན་པ་དེ་རྫུ་འཕྲུལ་དང་ལྡན་པའི་སྒྱུ་མ་མཁན་ཞིག་དང་གཉིས་སུ་མེད། འདམ་པ་དག་ཁོང་གི་སོན་རྩེ་བརྒྱུད་ནས་ལྟ་ན་སྡུག་པའི་མེ་སླང་དུ་གྱུར།

རྒན་པོ་བསོད་ནམས་ཚེ་རིང་གིས་ཡིད་ཚིམ་པའི་སྒོ་ནས། ང་རང་ལོ་11སྐབས་ནས་ཨ་ཕའི་རྗེས་སུ་འབྲངས་ནས་རྫ་བཟོ་བསླབ་པ་ཡིན་་དེ་དུས་ངའི་ཨ་ཕས་རྫ་ཆས་སྣ་30ལྷག་ལས་བཟོ་མི་ཤེས། ད་ལྟ་ངས་རྫ་ཆས་སྣ་100ལྷག་བཟོ་ཤེས་ཟེར། རྒན་པོ་བསོད་ནམས་ཚེ་རིང་གིས་བཤད་ན། ཡུལ་སྐོར་ཁྲོམ་ར་ཇེ་ཟིང་དུ་སོང་བ་དང་འགྲོས་ནས། མེས་པོས་གསར་གཏོད་བྱས་ཤིང་བེད་སྤྱོད་བཏང་བའི་རྫ་ཆས་དག་ཕྱི་ཕྱོགས་ཀྱི་འཛད་སྤྱོད་པའི་དགོས་མཁོ་དང་མི་བསྟུན་ཀ་མེད་དུ་གྱུར་ཡོད། དེང་སང་གི་ཉི་ཤར་རྫ་ནག་ནི་སྔར་ཡོད་ཀྱི་རྫ་མ་དང་། ཇ་རྫ། མེ་སླང་བཅས་རྒྱུན་ལྡན་ཐོན་རྫས་ལས་ད་དུང་། དུ་ཚགས། མེ་ཏོག་ཤེལ་དམ། CDབཅུག་ས་བཅས་འཚོ་བའི་སྤྱོད་ཆས་དང་ཆོས་ལུགས་སྤྱོད་ཆས། སྒྱུ་རྩལ་ཐོན་རྫས་བཅས་རིགས་ཆེན་པོ་གསུམ་དང་སྣ་ཁ་180ལྷག་ཏུ་གྱུར་ཡོད་པ་དག རྒྱལ་ཁབ་དང་ས་གནས་30ལྷག་ཏུ་བྲིན་ཚོང་བྱེད་ཀྱེན་ཡོད་པས་སེམས་ཀྱི་ཉི་ཟླའི་འཐུས་ཚབ་ཐོན་རྫས་ཅིག་ཏུ་གྱུར་ཡོད་པ་རེད།

བསོད་ནམས་ཚེ་རིང་གིས་དགའ་འོས་པ་ཞིག་ནི་ད་ལྟ་གྲོང་ནང་གི་ན་གཞོན་མང་པོས་རྫ་བཟོ་ལག་རྩལ་རྒྱུན་འཛིན་བྱས་ཡོད། ཁོ་ཚོས་གསར་གཏོད་བྱེད་པའི་རྫ་ཆས་དེ་བས་མང་ལ། ལག་རྩལ་ཡང་ཇེ་ཡག་ཏུ་སོང་ཡོད། ཚོང་གཉེར་བྱེད་ལུགས་ཀྱང་སྣ་གྲངས་མང་། ཉེ་བའི་ལོ་འགར། གྲོང་མི་ཚོས་རྫ་ནག་མཉམ་ལས་ཁང་འཛུགས་པ་དང་། ཀུང་སི་འཛུགས་ནས་མཉམ་དུ་འཕེལ་རྒྱས་གཏོང་བ། རྫ་ནག་དེ་ཁྲོམ་རས་དགའ་བསུ་བྱས་པས་གྲོང་མིའི་རྒྱུ་འབྱོར་ཡང་ཇེ་མང་དུ་སོང་ཡོད། རྫ་ལས་རྐྱང་པར་བརྟེན་ནས་དུད་ཁ་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་3ལ་ཟིན་ཡོད།

ངག་རྒྱུན་དུ་རྫ་མཁན་བ་ལ་ཕྱུག་དུས་མེད། ཕྱུག་དུས་ཡོད་ན་རྫ་མཁན་མིན་ཞེས་པ་ལྟར། མེས་པོས་ཤུལ་བཞག་རྩ་ཆེན་དེས་དེང་སང་དེ་འདྲའི་རིན་ཐང་ཅན་དུ་འགྱུར་བ་སུས་གོ་ཐུབ། བཟོ་དབྱིངས་ཡག་པའི་རྫ་ནག་གི་སྒྱུ་རྩལ་ཐོན་རྫས་ཤིག་ལ་སྒོར་སྟོང་ཚོ་རིན། ལོ་གཅིག་གི་ཡོང་བབས་སྒོར་ཁྲི་7、8 ལ་ཟིན་རྒྱུ་ལས་སླ་མོ་རེད། ད་ལྟའི་འཚོ་བ་ཡག་པོ་དེ་བསོད་ནམས་ཚེ་རིང་གི་བསམ་ཡུལ་ལས་འདས་པ་ཞིག་རེད། བསོད་ནམས་ཚེ་རིང་གི་ཁྱིམ་མིའང་མང་ཆེ་བས་རྫ་ལས་སུ་ཚུགས་ནས། རྫ་ལས་དེ་བསོད་ནམས་ཚེ་རིང་ཚང་གི་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་ཡོད།

བསོད་ནམས་ཚེ་རིང་གིས་བཅོས་བསྒྱུར་སྒོ་འབྱེད་དང་། བདེ་ཆེན་གྱི་སྤྱིའི་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་རིག་གནས་བྱ་གཞག་ལ་མཐོང་ཆེན་བྱེད་པ། ང་འདྲའི་ལག་རྩལ་པར་རོགས་སྐྱོར་དེ་འདྲ་མེད་ན་ཉི་ཤར་རྫ་ནག་གི་འཕེལ་རྒྱས་ཀྱང་དེ་འདྲ་ཡག་པོ་ཞིག་ག་ལ་ཡོང་ཐུབ་ཟེར། (ཚུལ་ཁྲིམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།