文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
ཤམ་བྷ་ལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 17:14:16   འབྱུང་ཁུངས།༇

ཤམ་བྷ་ལ་ནི་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དང་དམངས་ཁྲོད་གཏམ་རྒྱུད་ཁྲོད་ཀྱི་དག་པའི་ཞིང་ཁམས་ཀྱི་མིང་ལ་གོ ནང་ཆོས་ཀྱི་གསུང་རབ་ནང་དུ། ཤམ་བྷ་ལའི་ཡུལ་གྱི་བཀོད་པ་ནི། གངས་རིའི་བསྐོར་ཞིང་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན། པད་འདབ་ཀྱི་བར་རྣམས་ཆུ་བོས་བཅད་པ། དབུས་ཀྱི་ཟེའུ་འབྲུ་ལྟ་བུར་གངས་རི་ཆེན་པོ་ཡོད་པ། པད་འདབ་རེའི་ནང་དུ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས། ཐམས་ཅད་བསྡོམས་པའི་གྲོང་ཁྱེར་བྱེ་བ་གོ་དྲུག་དང་། གྲོང་ཁྱེར་བྱེ་བ་རེ་ལ་ཡུལ་ཁམས་འབུམ་ཕྲག་བརྒྱ་བརྒྱ་ཡོད་ཅིང་། བྱེ་བ་རེ་རེ་ལ་དབང་བསྒྱུར་བའི་རྒྱལ་ཕྲན་རེ་རེ་ཡོད། ཡུལ་དབུས་སུ་སླར་ཡང་གངས་རིས་བཅད་པའི་ས་གླིང་བཞིའི་ཚུལ་དུ་སོན་པའི་དབུས་ན་ཀཱ་ལ་བའི་གྲོང་དང་། ལྷོ་ཕྱོགས་ཀྱི་མ་ལ་ཡའི་སྐྱེད་ཚལ་དུ་དུས་འཁོར་གྱི་བློས་བསླངས་ཆེན་པོ། ཤར་དུ་ཉེ་བའི་མཚོ། ནུབ་ཏུ་པད་དཀར་མཚོ། བྱང་དུ་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་བཞུགས་གནས་ཆ་བསགས་ཕོ་བྲང་ཡོད་པར་བཤད་དོ། ། བཤད་རྒྱུན་དུ་གནས་དེའི་མི་ལ་ན་ཚ་དང་སྡུག་བསྔལ་མེད་པ་དང་། ཡུལ་དེ་ནི་ཞི་བདེ་དང་འཆམ་མཐུན་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་ངོས་འཛིན་གནང་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། བོད་རིགས་མི་དམངས་ཀྱིས་བདེ་སྐྱིད་ལ་རེ་སྨོན་བྱེད་པ་དང་། འགྲོ་བ་མིའི་རིགས་ཞི་བདེ་ཡོང་བའི་ཕུགས་བསམ་དང་བསམ་བློ་མཚོན་པར་བྱས་ཡོད།

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།