文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
སན་པ་ཤང་ནས་ཟླ་བདུན་པའི་ཆང་གཞས་འགྲན་བསྡུར་སྤེལ་བ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 17:12:42   འབྱུང་ཁུངས།༇

(སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་གི་ཟླ་བདུན་པའི་ཆང་གཞས་འགྲན་བསྡུར་ཀྱི་སྐབས་སུ། ས་འདིའི་རྒན་རྒོན་རྣམས་ཀྱིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་འཁལ་ཐག་ལག་རྩལ་ངོམས་པ་རེད།)

ཉེ་ལམ། སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་ནས་སྐབས་བཅུ་བའི་བདུན་པའི་ཆང་གཞས་འགྲན་བསྡུར་ལེགས་འགྲུབ་ངང་སྤེལ་ལ། རྫོང་དང་ཤང་རིམ་པའི་འབྲེལ་ཡོད་ཀྱི་འགོ་ཁྲིད་དང་། གྲོང་སྡེའི་དམངས་ཁྲོད་གླུ་བ། སྒྱུ་རྩལ་མི་སྣ་དང་རང་ས་ཁུལ་གྱི་གྲོང་མི་སོགས་མི་300ལྷག་གདན་འདྲེན་བྱས་ཡོད་པ་རེད།

གྲོང་མི་ཨུ་ཡོན་ལྷན་ཁང་གི་ར་སྐོར་དུ། དམངས་ཁྲོད་ཀྱི་གླུ་བ་དང་སྒྱུ་རྩལ་པས་སྤྲོ་བས་ཁེངས་ནས་གླུ་ལེན་གར་རྩེད་བྱེད་པ་དང་ཆབས་ཅིག་ས་འདིའི་དམངས་ཁྲོད་སྒྱུ་རྩལ་ཡང་གསོན་ཉམས་ལྡན་པའི་ངང་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད། ཚང་མས་ཕྱོགས་གཅིག་ནས་ལྟད་མོ་ལྟ་བ་དང་།ཕྱོགས་གཅིག་ནས་འཇང་རིགས་བུད་མེད་ཀྱིས་གྲ་སྒྲིག་བྱས་ཡོད་པའི་བདུད་རྩི་མངར་མོར་བཞེས་པ་རེད།

འགྲན་བསྡུར་གྱི་སྐབས་སུ། སྟོན་པའི་རིག་གནས་ཀྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་བྱས་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། བདུན་པའི་ཆང་གཞས་དུས་ཆེན་ནི་སན་པ་ཤང་གི་སྲོལ་རྒྱུན་སྒྱུ་རྩལ་ཁྲོད་ཀྱི་སྣ་གཅིག་ཡིན་ལ། ཤང་ཏང་ཨུ་དང་སྲིད་གཞུང་གི་གཙིགས་འཛིན་འོག བདུན་པའི་ཆང་གཞས་བྱ་འགུལ་དེ་“རིག་གནས་ཤུལ་བཞག་འཛུགས་སྐྲུན” གྱི་རྣམ་གྲངས་རུ་བཞག་པ་དང་། ལོ་རེའི་ལུགས་རྩིས་ཀྱི་ཟླ7པའི་ཚེས15ཉིན་དུས་ཆེན་འདི་སྤེལ་ལ་ད་བར་སྐབས་ཐེངས་བཅུ་ལེགས་འགྲུབ་བྱུང་ཡོད་པ་རེད།(པད་མ་མཚོས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།