文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
སེམས་ཀྱི་ཉི་ཟླའི་ཡུལ་ཁམས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:23:34   འབྱུང་ཁུངས།༇

གླེང་གཞི

ནམ་མཁའི་དབྱིངས་སུ་རེག་པའི་གངས་རི་དང་བརྗིད་ཉམས་ལྡན་པའི་གཡང་གཟར་གྲོག་རོང་འཕྲེད་གཞུང་ཞིང་སྣོལ་མའི་ངང་ཚུལ་དུ་ཆགས།ཟིར་རླབས་དགུང་དུ་འཕྱུར་བའི་གཙང་པོ་ནི་གངས་རི་དང་གྲོག་རོང་གི་བར་ནས་སྤྲོ་བག་ཕེབས་པོ་བཞིན་རྒྱུག་ཡོད། རི་བོ་དང་། རྩྭ་ཐང་། མཚེའུ་སོགས་ལ་གསེར་གྱི་ཉི་མའི་འོད་མདམས་རབ་འཕྲོ་པ། མེ་ཏོག་དང་། སྤྲིན་དཀར།ནམ་མཁའ།ད་དུང་ཞི་འཇམ་རླུང་བུ་དང་ཁོན་ཐོགས་ཅི་ཡང་མེད་པའི་ཚེ་སྲོག་བཅས་ཀྱིས་མཉམ་དུ་ཁྱད་དུ་འཕགས་པའི་ཕུགས་རེའི་ཡུལ་ཁམས་ཏེ་སེམས་ཀྱི་ཉི་ཟླ་ཞེས་པའི་མཚན་སྙན་ལུགས་སུ་སྐྲུན་པ་བྱས།

གཅིག ཀྲང་མུ་སི·སེར་ཏུན་གྱི་སྒྲུང་གཏམ་《མི་ཡུལ་ལས་འདས་པའི་འཇིག་རྟེན》སེམས་ཀྱི་ཉི་ཟླ་ཞེས་པའི་ཐ་སྙེད་དེ་དང་ཐོག་ནི་དབྱིན་ཇི་བའི་རྩོམ་པ་པོ་ཀྲང་མུ་སི·སེར་ཏུན་གྱིས་བཏགས་ཡིན་པ་སྟེ། 1933ལོར། ཁོང་གིས་རང་ཉིད་ཀྱི་སྒྲུང་རིང་《མི་ཡུལ་ལས་འདས་པའི་འཇིག་རྟེན》ཞེས་པའི་ནང་དུ་འདི་ལྟ་བུ་ཞིག་བྲིས་ཡོད་དེ་། ཀྲུང་གོ་རྒྱལ་ཁབ་ཀྱི་བོད་ཡུལ་དུ་ལྐོག་གྱུར་ཞིང་མཚར་ལྡན་པའི་ལུང་པ་ཞིག་ཏུ་གངས་རི་ནི་གསེར་གྱི་མཆོད་རྟེན་ལྟ་བུ་དང་། མཚེའུ་གཡུ་ཡི་མཎྡལ་བཞིན་སྔོ། སྦུག་ཐག་རིང་ལ་བརྗིད་ངེར་ཆེ་བའི་གྲོང་རོང་ཆེན་མོ་དང་མུ་མཐའ་མེད་པའི་རྩྭ་ཐང་བཅས་ཀྱིས་མཚར་སྡུག་ལྡན་པའི་ཡུལ་ལྗོངས་དེར་བསྐྲུན་ཡོད། དེར་དུས་བདེ་ཞོད་འཇགས། མི་རྣམས་ཀྱིས་བདེ་བར་གནས་ཤིང་ལས་ལ་བརྩོན་པ་དང་ལོག་རྟོག་ངན་སེམས་ཡོངས་སུ་སྤངས་པས།དེ་ནི་ཕྱི་རོལ་གྱིས་ཤེས་རྟོགས་མེད་པའི་བདེ་བའི་ཞིང་ཁམས་ལྟ་བུ་སེམས་ཀྱི་ཉི་ཟླ་ཡིན།

གཉིས། གློག་བརྙན《མི་ཡུལ་ལས་འདས་པའི་འཇིག་རྟེན》གྱི་དུམ་ཚན་ཞིག

《མི་ཡུལ་ལས་འདས་པའི་འཇིག་རྟེན》ཞེས་པའི་སྒྲུང་གཏམ་དེ་པར་བསྐྲུན་བྱེད་ཚེ་ནི་ཡོ་རོབ་གླིང་རྒྱལ་ཁབ་ཁག་སོ་སོའི་དཔལ་འབྱོར་ཉམས་རྒོད་བྱུང་བའི་དུས་ཚེ་ཡིན།སྒྲུང་གཏམ་ནང་དུ་བྲིས་པའི་མཐུན་སྦྱོར་ཞིང་ཞི་བདེའི་སེམས་ཀྱི་ཉི་ཟླ་དེས་མི་རྣམས་ཀྱི་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་ཚུལ་དང་རབ་ཏུ་མཐུན་པས། དེ་མ་ཐག་ཏུ་སྐད་གྲངས་ཀྱི་བ་དན་དགུང་དུ་འཕྱུང་། ལོ་ངོ་ཁ་ཤས་རྗེས་སུ་སྒྲུང་གཏམ་ནས་བསྐྱར་སྒྲིག་བྱས་པའི་གློག་བརྙན་དེ་འཛམ་གླིང་ཐོག་གི་ག་ས་ག་ལ་དར་ཁྱབ་རབ་ཏུ་ཆེ་བས་སེམས་ཀྱི་ཉི་ཟླའི་སྙན་གྲགས་ཀྱང་དེ་བས་ཆེས་ཆེ་རུ་གྱུར།

གསུམ།ཕོར་གྱི་སེམས་ཀྱི་ཉི་ཟླ་མགྲོན་ཁང་།1971ལོར་སེམས་ཀྱི་ཉི་ཟླར་ཡིད་རབ་ཏུ་སྨོན་པའི་ཕྱི་ཁོངས་ཀྱི་ཀྲུང་གོ་བ་ཁེ་ལས་པ་ཀབ་ཧབ་ནེན་གྱིས་འཕྲལ་ཐག་གཅོད་པའི་ངང་ནས་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་སྐར་རིམ་ལྔ་ལྡན་གྱི་མགྲོན་ཁང་ཚོགས་པའི་མིང་ལའང་སེམས་ཀྱི་ཉི་ཟླ་ཞེས་བཏགས་པ།ཡིན་ནའང་།ལྐོག་གྱུར་ཞིང་ཡིད་དུ་འོང་བའི་སེམས་ཀྱི་ཉི་ཟླ་དེ་དངོས་གནས་ནས་ག་ཡོད་པ་ནི་སྒྲུང་གཏམ་དེའི་ནང་དུ་གསལ་པོ་བརྗོད་མེད་མོད།སེམས་ཀྱི་ཉི་ཟླ་ཞེས་པའི་ལུང་པ་དེ་ནི་ཀྲུང་གོའི་བོད་ཡུལ་ཏེ་རི་བོ་ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད་ཀྱི་གངས་རིས་ར་བ་བསྐོར་བའི་ལྐོག་གྱུར་ལྡན་པའི་རི་ཁུག་ཅིག་ཏུ་གནས་ཡོད་ལུགས་བཤད།ངོ་མཚར་ཞིང་ལྐོག་གྱུར་ལྡན་པའི་རི་ཁུག་དེར་བཙལ་འཚོལ་བྱེད་ཆེད།དུས་རབས་ཕྱེད་མང་གི་རིང་དུ་མྱུལ་དཔྱད་པའམ་མཁས་པ་རྩིས་རྩིས་གྲངས་མེད་ཀྱིས་ངལ་བ་འཛེམ་མེད་ཀྱིས་སེམས་ཀྱི་ཉི་ཟླའི་གནས་ཡུལ་བཙལ་འཚོལ་བྱས།

བཞི། དགོང་དྲོ་ཡི་འཚམས་སྤྲིན་འོག་གི་ནམ་མཁའ། ངས་བལྟ་ན། སེམས་ཀྱི་ཉི་ཟླ་ཞེས་པ་དེ་ཀྲང་མུ་སི·སེར་ཏུན་གྱིས་གཟུགས་མེད་གྲིབ་བཟོ་བྱས་པ་ག་ལ་ཡིན། དེ་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་ཤམ་བྷ་ལ་ཞེས་པའི་ཐ་སྙད་ནས་བྱུང་བའོ།བོད་རིགས་མི་དམངས་ཀྱི་དུས་ཡུན་རིང་པོར་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཡུལ་ཁམས་ཤིག་ལ་རེ་སྨོན་བྱས་ཡོད།ཡིད་དུ་འོང་བའི་ཤམ་བྷ་ལ་རྒྱལ་ཁམས་ནི་བོད་མི་རིགས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པའི་རྗེས་སུ་གཞི་ནས་གངས་ཅན་མཐོ་སྒང་དེའི་དམིགས་བསལ་ཅན་གྱི་རང་བྱུང་འཁོར་ཡུག་ཁྲོད་དུ་རིམ་བཞིན་གྲུབ་པའོ།དེ་ནི་མི་རིགས་ཀྱི་ཕུགས་བསམ་དང་བརྩེ་དུང་གི་སྙིང་སྟོབས་རིམ་བཞིན་ཇེ་ཆེ་རུ་རྒྱས་སུ་བཏང་པ་མ་ཟད། མི་རིགས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་ཆོས་ལུགས་རིག་གནས་ཀྱི་འདུ་ཤེས་ཀྱི་ཉིང་བཅུད་དེ་བས་ཀྱང་ལྡན་པའི་མཚོན་རྟགས་ཀྱང་ཡིན།བདེ་ཆེན་གྱི་ཡུལ་སྐད་ནང་དུ་སེམས་གྱི་ཉི་ཟླ་ཞེས་པ་ནི་སེམས་གཏིང་གི་ཉི་མ་དང་ཟླ་བ་ཞེས་པའི་དོན་ཡིན་པས།ཐ་སྙད་འདི་ཤམ་བྷ་ལའི་ནང་དོན་དང་ཡོངས་སུ་མཐུན་བྱས་པ།དེ་ནི་བོད་རིགས་མི་དམངས་ཀྱིས་རང་གི་གཅེས་པ་འོས་པའི་ཕ་ཡུལ་ལ་སེམས་གཏིང་ནས་སྨོན་པའི་བསྟོད་སྔགས་ཡིན།ཡིན་ནའང་སྔོན་ཆད་ཀྱི་རྙོགས་དུས་སྐབས་སུ་ཤམ་བྷ་ལ་ཟེར་བ་ནི་སྟོང་བསམ་འཆང་བ་ལས་དོན་དངོས་སུ་མངོན་གྱུར་བྱེད་ག་ལ་ཐུབ།དུས་རབས་གསར་པའི་གསེར་གྱི་ཉི་མས་གངས་རིའི་རྩེར་འཕྲོ་བའི་དུས་མཉམ་དུ་མིའི་རིགས་ཀྱིས་གཞི་ནས་སེམས་ཀྱི་ཉི་ཟླའི་གཏིང་ཟབ་ཀྱི་ནང་དོན་རྟོགས་ཐུབ་པས།སེམས་ཀྱི་ཉི་ཟླ་གཞི་ནས་རྟོག་བཟོ་ནས་དངོས་དོན་དུ་གྱུར་ཡོད།
  ལྔ།གངས་རི།1997ལོའི་ཟླ་9ཚེས་14ཉིན།ཀྲུང་གོ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་40ལོན་བའི་ཉིན་དེར།ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེ་ཞིང་ཞིབ་ཕྲ་པའི་སྒོ་ནས་ཞིབ་འཇུག་བྱ་གཞིར་རིག་པས་བསྒྲུབས་པའི་བརྒྱུད་དུ་གཟབ་ནན་གྱིས་ཕྱིར་དྲིལ་སྒྲོག་བྱེད་དོན།རིག་གཅིག་མཁས་ཅན་དང་ཁམས་པ་མི་བཅུ་ལྷག་གིས་ནན་ཏན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་འོག་འཛམ་གླིང་ཡོངས་ཀྱིས་དུས་རབས་ཕྱེད་ཀ་ཙམ་བཙལ་འཚོལ་བྱས་བའི་བདེ་པའི་ཞིང་ཁམས་ཏེ་སེམས་ཀྱི་ཉི་ཟླ་ནི་ཀྲུང་གོ་ཡུན་ནན་བདེ་ཆེན་དུ་གནས་འདུག་ཅེས་ཟེར།དུས་ཡུན་ཐུང་ཐུང་ནང་དུ་རྒྱལ་ནང་གི་གསར་གྱུར་ལས་ཁུངས་ཁག་ཀུན་གྱིས་གཏམ་བཟང་དེ་འབྱོར་གསལ་བྱས།

དྲུག རྒྱལ་ཐང་རྫོང་དེ་སེམས་ཀྱི་ཉི་ཟླ་རྫོང་ཞེས་པའི་མིང་དུ་བསྒྱུར། 2002ལོའི་ཟླ་5པའི་ཚེས་2ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་སྔོན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཐང་རྫོང་དེ་དངོས་སུ་སེམས་ཀྱི་ཉི་ཟླ་རྫོང་ཞེས་པའི་མིང་དུ་བསྒྱུར། དབྱིན་ཇི་བའི་རྩོམ་པ་པོ་ཞིག་གི་སྒྲུང་གཏམ་ནང་གི་གཟུགས་མེད་གྲིབ་བཟོད་བྱེད་པའི་ཡུལ་ཁམས་ཤིག་གི་འབྱུང་ཁུངས་མཐར་གཞི་ནས་རྩད་གཅོད་བྱས་ཐུབ་པ་བྱུང་།གལ་སྲིད་མི་རྣམས་ཀྱིས་དུས་རབས་ཕྱེད་ཀ་རིང་གིས་དཀའ་སྡུག་ཆེན་པོས་སེམས་ཀྱི་ཉི་ཟླར་བཙལ་འཚོལ་བྱས་པ་དེར་བདེ་སྐྱིད་ཀྱི་འཚོ་བར་བསྐལ་པ་ཇི་སྲིད་བར་དུ་སྨོན་འདོད་ཞུ་བའི་རེ་སྨོན་ཞིག་ཡིན་ཞེ་ན།སེམས་ཀྱི་ཉི་ཟླ་གསར་རྙེད་དང་མཐའ་གཅིག་ཏུ་ངོས་འཛིན་བྱས་པ་བཅས་ནི་ཀྲུང་གོས་མིའི་རིགས་ཀྱི་གོང་སྤེལ་གཏོང་བར་ལེགས་སྐྱེས་ཆེས་ཆེ་བ་ཞིག་ཕུལ་པ་མཚོན་པ་ནི་དེ་བས་གདོན་མི་ཟའོ།ང་ཚོས་ལག་གདང་དཔུང་གཤིབ་ཀྱིས་མཚར་སྡུག་ལྡན་ཞིང་ཡིད་དུ་འོང་བའི་སེམས་ཀྱི་ཉི་ཟླ་སྐྱོད་ཅིག།
 བདུན། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔལ་ཆུ། སེམས་ཀྱི་ཉི་ཟླའི་ཆགས་ཡུལ་བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་དང་། མཚོ་བོད་ས་མཐོའི་ཤར་ལྷོའི་མཐའ་ཁུལ་དུ་ཡིན།ཞིང་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་23870ལྷག་ཙམ་ཡོད་ལ། མི་རིགས་ཁག་9ཐམ་པའང་ཡོད། དེར་རི་ཚོགས་གཡང་གཟར་དང་། ཆུ་བོ་ལང་ལོང་།རྩ་ཐང་མུ་མེད།ནགས་ཚལ་ཚང་ཚིང་།རི་བོ་ཡོངས་ནི་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་རིམ་བཞིན་སྟར་སྒྲིག་བྱས་ནས་ཇེ་མཐོ་རུ་གྱུར་བས་འཛམ་གླིང་གི་ཡང་སྟེང་དང་དམ་དུ་སྦྲེལ་བ་བྱས།

བརྒྱད།གངས་རི་དང་སྟག་མཆོང་གྲོག་རོང་།གངས་རི་དང་སྟག་མཆོང་གྲོག་རོང་གིས་མཉམ་དུ་སེམས་ཀྱི་ཉི་ཟླའི་ལྐོག་གྱུར་དང་ངོ་མཚར་བསྐྲུན་ཡོད།སྟག་མཆོང་གྲོག་རོང་གི་བྲག་རི་གཡང་གཟར་ལ་ལངས་ཏེ་རྣ་བ་བླུགས་ནས་ཉན་དུས། རླུང་ནི་ལྷ་ཡུལ་ནས་ལྡང་པ་ཇི་བཞིན། རྦ་རླབས་ཆིལ་ཆིལ་ནི་དབྱར་སྐྱེའི་རྔའི་རྗེས་སུ་འགྲོ་བ། ངག་རྒྱུན་ཐོག་གི་བཤད་སྲོལ་ལྟར་ན། གནའ་དུས་སུ་སྟག་ཐིག་ལེ་ཅན་ཞིག་གིས་འབྲི་ཆུའི་ཚུར་ཁ་ནས་ཕར་ཁར་མཆོང་ལྡིང་བྱས་བས་དེར་སྟག་མཆོང་གྲོག་རོང་ཞེས་གྲགས།སྟག་མཆོང་རྡོ་ཞེས་པ་དེའང་འབྲི་ཆུའི་དཀྱིལ་དུ་རྦ་རླབས་ལང་ལོང་ནང་ལ་འགྱིང་ངེར་གཡོ་མེད་ཀྱིས་གནས་ཡོད་པས།མི་ལ་སྲིད་པ་དང་ཚེ་སྲོག་བར་གྱི་སྙིང་འགུལ་བླ་འདར་གྱི་གཏམ་རྒྱུད་ཇི་བཞིན་དུ་བརྗོད་པ།ཡིན་ནའང་།འདི་ཕྱོགས་གངས་རིས་ར་བ་བསྐོར་བའི་མཐོ་སྒང་དང་།ཆུ་བོ་འཕྲེད་གཞུང་ཞིང་སྣོལ་མར་གནས་པའི་ས་ཆ་བཅས་ཡོངས་ནས་ཡོངས་ནི་རབ་ཏུ་བཞད་པའི་མེ་ཏོག་པད་མ་འདབ་བརྒྱད་ཀྱི་འགྲན་ཟླ་མ་གཏོགས་གཞན་གྱི་དོ་ཟླ་ག་ལ་སྲིད།

 དགུ།བེ་མཐའ་མཚོ་དང་ནགས་ཕག་མཚོ།ཞོ་རྡོ་མཚོ།བདེ་ཆེན་ས་མཐོའི་གནས་མཚོ་ནི་སྐར་མ་ཁྲ་ཚོགས་ཇི་བཞིན་མཐོ་སྒང་འདིར་དེ་བས་ཀྱང་རྣམ་པ་བཀྲ་བར་གྱུར། བེ་མཐའ་མཚོ་ནི་རྨི་ལམ་ལྟ་བུ་དང་།ནགས་ཕག་མཚོའང་སྙན་ངག་ཇི་བཞིན།ཞོ་རྡོ་མཚོ་དེ་བས་སྒྱུ་འཕྲུལ་འདྲ་འདྲ་ཡིན།གཞན་ཡང་གནམ་མཚོ་དང་སྟོང་མཚོ་སོགས་མེ་ལོང་དང་ཡོངས་སུ་མཚུངས་པའི་གནས་མཚོ་མང་ཞིག་གིས་ད་སྔར་ཡང་གཞན་ལ་གསང་རས་འབྱེད་མེད་པ། སྔོ་ལ་བསངས་བའི་མཚོ་དང་།མུ་མཐའ་མེད་པའི་ནེའུ་གསེང་།ད་དུང་དེར་འཚོ་གནས་བྱེད་པའི་བྱ་ཁྲུང་ཁྲུང་སྐེ་ནག་དང་བཅས་པའི་འདབ་ཆགས་ཀྱིས་བདེ་ཆེན་མཐོ་སྒང་དེ་བས་ཀྱང་ངོ་མཚར་སྣོད་བཅུད་བྱེ་བའི་མཛེས་དཔལ་སྤྲོད་པ་བྱས

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།