文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
ཡུན་ནན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 11:22:41   འབྱུང་ཁུངས།༇

ཡུན་ནན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པ་ནི་རྒྱལ་ནང་གི་ཆེས་ཐོག་མའི་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་ཚོགས་པའི་ཞིབ་འཇུག་སྒྲིག་གཞི་ཡིན།སྔར་ལས་ལྷག་པའི་སྒོ་ནས་སེམས་ཀྱི་ཉི་ཟླའི་ལོ་རྒྱུས་རིག་གནས་སོགས་འབྲེལ་ཡོད་ཀྱི་ཞིབ་འཇུག་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཞིབ་འཇུག་ཚོགས་པར་ཁྱོན་བསྡོམས་ཚོགས་མི་200ལྷག་ཡོད་ལ།ལོ་ངོ་དུ་མར་མི་རིགས་ཀྱི་ལས་དོན་སྒྲུབ་པ་དང་།ལག་ལེན་ཉམས་མྱོང་ཕྱུག་པའི་མགོ་ཁྲིད་དང་།ཆེད་མཁས་གདན་འདྲེན་བྱས་ནས་བློ་འདྲི་ས་བྱས་ཡོད།སེམས་ཀྱི་ཉི་ཟླ་ནི་དབྱིན་ཇིའི་སྒྲུང་ཐུང་《མི་ཡུལ་ལས་འདས་པའི་འཇིག་རྟེན》ལས་སྙན་གྲགས་རྒྱས་ཤིང་།འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་གང་མང་བྱས་པ་བརྒྱུད།2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དེ་དངོས་སུ་སེམས་ཀྱི་ཉི་ཟླ་རྫོང་ཞེས་པའི་མིང་དུ་བསྒྱུར།

ཡུན་ནན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ཡིན་པ།ཞིབ་འཇུག་ཚོགས་པས་སེམས་ཀྱི་ཉི་ཟླའི་སྣང་ཚུལ་ལ་གཏིང་ཟབ་པ་དང་ཁྱབ་རྒྱ་ཆེན་པོའི་སྒོ་ནས་ཞིབ་འཇུག་བྱས་པ་བརྒྱུད།མི་རིགས་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་དང་།ཞིང་ཨུ་དང་།ཞིང་ཆེན་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་འབྱོར་ཕྱུག་བརྟན་རླིང་གི་དཔེ་ལེགས་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་ཡུལ་དོན་དུ་འཁྱོལ་བ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དོན་སྙིང་ལྡན།ཞིབ་འཇུག་ཚོགས་པའི་ཚོགས་མི་ཡོངས་ཀྱིས་རྩ་དོན་འདི་འགག་རྩར་བཞག་ནས།ཡུན་ནན་གྱི་མི་རིགས་མཐུན་སྒྲིལ་དང་།དཔལ་འབྱོར་འཕེལ་རྒྱས།སྤྱི་ཚོགས་མདུན་སྐྱོད།རིག་གནས་འཆམ་མཐུན་ལ་ཧུར་བརྩོན་བྱས་ཏེ།རྣམ་པ་གསར་བའི་ལེགས་འབྲས་ཐོབ་པར་བརྩོན་ལེན་བྱས་པ་རེད།(པད་མ་མཚོས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།